བྱང་ཆུབ་སེམས་ལ་བསྟོད་པ། 61 – 65

avalokiteshvara20201109

༼ ཉིན་རེར་བཞིན་བྱང་ཆུབ་སེམས་ལ་བསྟོད་པ། ༽

༼ ༦༡ ༽
༄། །བྱང་ཆུབ་སེམས་འདི་ལྡན་གྱུར་ན།།
སྲིད་གསུམ་འཇིག་ཀྱང་མི་སྐྲག་སྟེ།།
འགྲོ་བ་ཀུན་གྱི་སྐྱབས་གྱུར་པ།།
འདི་ལས་གཞན་དུ་ཡོད་མ་ཡིན།།

༼ ༦༢ ༽
སྨན་གྱི་མཆོག་ནི་ཨ་རུ་ར།།
ཡིད་བྱེད་མཆོག་ནི་བྱང་ཆུབ་སེམས།།
མྱུར་ཏུ་བགྲོད་ས་འོད་ཟེར་ཏེ།།
ཕ་རོལ་འགྲོ་བ་བྱང་ཆུབ་སེམས།།

༼ ༦༣ ༽
ཡང་དག་བྱང་ཆུབ་སེམས་ལྡན་ན།།
ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་།།
ཐོས་བསམ་སྒོམ་སོགས་ཡོན་ཏན་ཀུན།།
མ་འབད་ན་ཡང་ངང་གིས་འགྲུབ།།

༼ ༦༤ ༽
སྙན་ངག་སྨྲ་བ་རྣམས་ལ་ནི།།
མེ་ཏོག་པདྨ་ཚིག་གི་རྒྱན།།
འགྲོ་བའི་དོན་རྣམས་སྒྲུབ་པ་ལ།།
བྱང་ཆུབ་སེམས་ནི་དོན་གྱི་རྒྱན།།

༼ ༦༥ ༽
བྱང་ཆུབ་སེམས་དང་ལྡན་གྱུར་ན།།
ལྟ་བ་སྟོང་ཉིད་ཆེན་པོ་ཡང་།།
མ་བསྒོམས་ན་ཡང་མངོན་དུ་འགྱུར།།
འདི་ལས་ཟབ་པའི་ཆོས་ཞིག་མེད།།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་
སྤྱི་ལོ་༢༠༢༠ཟླ་༡༢ཚེས་༢༥ནས་ཟླ་༡༢ཚེས་༢༩བར་ལ་ཕུལ།

རྒྱ་ཡིག   菩提心讚頌 61 – 65
དབྱིན་ཇིའི་ཡིག   Praises on Bodhicitta 61 – 65
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།

བྱང་ཆུབ་སེམས་ལ་བསྟོད་པའི་རིམ་པ།