བྱང་ཆུབ་སེམས་ལ་བསྟོད་པ། 56 – 60

avalokiteshvara20201108

༼ ཉིན་རེར་བཞིན་བྱང་ཆུབ་སེམས་ལ་བསྟོད་པ། ༽

༼ ༥༦ ༽
༄། །བྱང་ཆུབ་སེམས་འདི་ལྡན་གྱུར་ན།།
སྐྱེ་འཆི་བར་དོའི་སྐབས་ཀུན་ཏུ།།
འཇིགས་པ་མེད་ཅིང་སླར་སྤྲོ་བ།།
མཚོ་ལ་ངང་མོ་འཇུག་པ་བཞིན།།

༼ ༥༧ ༽
བྱང་ཆུབ་སེམས་དང་ལྡན་གྱུར་ན།།
རི་རབ་བཞིན་དུ་འགྱུར་བ་མེད།།
སེངྒེས་སྒྲ་ཆེན་སྒྲོག་པ་ན།།
ཝ་སྐྱེས་ཐམས་ཅད་ཞུམ་ལ་ལྟོས།།

༼ ༥༨ ༽
བྱང་ཆུབ་སེམས་དང་ལྡན་པའི་མིར།།
ས་སྐྱོང་རྣམས་ཀྱང་བྲན་ལྟར་འདུད།།
དབྱར་རྔའི་སྒྲ་ཆེན་ལྡིར་བ་ན།།
རྨ་བྱས་ཟློས་གར་བསྒྱུར་ལ་ལྟོས།།

༼ ༥༩ ༽
སྙིང་གི་ནང་གི་ཉི་མ་དང་།།
སེམས་ཀྱི་དཀྱིལ་གྱི་ཟླ་བ་བཞིན།།
བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
མ་བསྟེན་མུན་པ་ཇི་ལྟར་སེལ།།

༼ ༦༠ ༽
བྱང་ཆུབ་སེམས་ཀྱིས་མི་ཁ་སེལ།།
བྱང་ཆུབ་སེམས་ཀྱིས་གཏམ་ངན་སེལ།།
བྱང་ཆུབ་སེམས་ཀྱིས་འཇིགས་པ་སེལ།།
བྱང་ཆུབ་སེམས་ཀྱིས་སྡུག་བསྔལ་སེལ།།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་
སྤྱི་ལོ་༢༠༢༠ཟླ་༡༢ཚེས་༢༠ནས་ཟླ་༡༢ཚེས་༢༤བར་ལ་ཕུལ།

རྒྱ་ཡིག   菩提心讚頌 56 – 60
དབྱིན་ཇིའི་ཡིག   Praises on Bodhicitta 56 – 60
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།

བྱང་ཆུབ་སེམས་ལ་བསྟོད་པའི་རིམ་པ།