བྱང་ཆུབ་སེམས་ལ་བསྟོད་པ། 51 – 55

avalokiteshvara20201107

༼ ཉིན་རེར་བཞིན་བྱང་ཆུབ་སེམས་ལ་བསྟོད་པ། ༽

༼ ༥༡ ༽
༄། །དམིགས་བཅས་དམིགས་མེད་ཚོགས་གཉིས་པོ།།
བྱང་ཆུབ་སེམས་ཀྱིས་མ་ཟིན་ན།།
ཆུ་ཤིང་བཞིན་དུ་འབྲས་ཟད་ནས།།
སླར་ཡང་འཁོར་བར་འཁོར་ལ་ལྟོས།།

༼ ༥༢ ༽
ཀུན་ཏུ་བཟང་པོའི་སྤྱོད་པ་དང་།།
འཇམ་དཔལ་དབྱངས་ཀྱི་མཁྱེན་རབ་དང་།།
ནམ་མཁའི་སྙིང་པོའི་ཐུགས་བསྐྱེད་སོགས།།
རིན་ཆེན་བྱང་ཆུབ་སེམས་ལས་འཁྲུངས།།

༼ ༥༣ ༽
ཐོས་དང་བསམ་པ་སྒོམ་པ་ལ།།
བྱང་ཆུབ་སེམས་ཀྱིས་རྩིས་ཟིན་ན།།
ཚེ་འདིར་གྲོལ་བ་མིན་ན་ཡང་།།
ཕྱི་མར་བདེ་ནས་བདེ་བར་འགྲོ།།

༼ ༥༤ ༽
ཚངས་པ་དང་ནི་བརྒྱ་བྱིན་དང་།།
དབང་ཕྱུག་ལྷ་མོ་ཨུ་མ་སོགས།།
ཁེ་གྲགས་མཐུ་དཔུང་ཆེ་བ་ཀུན།།
བྱང་ཆུབ་སེམས་ཀྱིས་ཟིལ་གྱིས་གནོན།།

༼ ༥༥ ༽
རིགས་ཀྱི་ཆེ་བ་བྲམ་ཟེ་དང་།།
དཔུང་ཚོགས་བཞི་ལྡན་འཁོར་རྒྱལ་དང་།།
ནོར་གྱིས་ཕྱུག་པའི་ལྷ་ཀླུས་ཀྱང་།།
བྱང་ཆུབ་སེམས་དཔའ་སྤྱི་བོས་བཀུར།།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་
སྤྱི་ལོ་༢༠༢༠ཟླ་༡༢ཚེས་༡༥ནས་ཟླ་༡༢ཚེས་༡༩བར་ལ་ཕུལ།

རྒྱ་ཡིག   菩提心讚頌 51 – 55
དབྱིན་ཇིའི་ཡིག   Praises on Bodhicitta 51 – 55
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།

བྱང་ཆུབ་སེམས་ལ་བསྟོད་པའི་རིམ་པ།