avalokiteshvara20201027 ༼ ཉིན་རེར་བཞིན་བྱང་ཆུབ་སེམས་ལ་བསྟོད་པ། ༽

༼ ༦ ༽ ༄། །མ་རིག་མུན་པ་སེལ་བ་ལ།། ཉི་མ་ལྟ་བུའི་བྱང་ཆུབ་སེམས།། ཚ་བས་གདུང་བའི་འགྲོ་བ་ལ།། ཟླ་བ་ལྟ་བུའི་བྱང་ཆུབ་སེམས།།

༼ ༧ ༽ སུ་ལ་སེམས་མཆོག་འདི་སྐྱེས་ན།། འགྲོ་བའི་རེ་བ་སྐོང་ནུས་ཞིང་།། སངས་རྒྱས་ཀུན་ཀྱང་མཉེས་པར་འགྱུར།། ཕ་མའི་དྲིན་ལན་འཁོར་བ་ཡིན།།

༼ ༨ ༽ རྨད་བྱུང་བྱང་ཆུབ་སེམས་མཆོག་ལ།། སྐྱེ་བོ་གང་གིས་བརྩོན་གྱུར་ན།། འབད་པ་ཆེན་པོ་མ་བྱས་ཀྱང་།། ཞི་བདེའི་གཟེངས་རྟགས་མྱུར་དུ་འཐོབ།།

༼ ༩ ༽ སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས།། སྟོང་ཉིད་མངོན་སུམ་རྟོགས་འདོད་ན།། བྱང་ཆུབ་སེམས་ལ་སློབས་མཛོད་དང་།། འདི་ལས་ཟབ་པའི་ཆོས་ཞིག་མེད།།

༼ ༡༠ ༽ བྱང་ཆུབ་སེམས་འདི་སྐྱེས་ནས་བཟུང་།། སྡང་བའི་དགྲ་ཡང་གཉེན་དུ་འགྱུར།། གནོད་པའི་འདྲེ་ཡང་ལྷ་རུ་སྣང་།། འདི་ལ་མི་བསྟེན་སྨྱོས་སམ་ཅི།།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་ སྤྱི་ལོ་༢༠༢༠ཟླ་༡༠ཚེས་༣༡ནས་ཟླ་༡༡ཚེས་༤བར་ལ་ཕུལ།

རྒྱ་ཡིག   菩提心讚頌 06 – 10 དབྱིན་ཇིའི་ཡིག   Praises on Bodhicitta 06 – 10 བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། བྱང་ཆུབ་སེམས་ལ་བསྟོད་པའི་རིམ་པ།