avalokiteshvara20201101 ༼ ཉིན་རེར་བཞིན་བྱང་ཆུབ་སེམས་ལ་བསྟོད་པ། ༽

༼ ༢༡ ༽ ༄། །སྙིང་རྗེའི་རྐྱེན་ལས་བྱང་ཆུབ་སེམས།། བྱང་ཆུབ་སེམས་ལས་སྙིང་རྗེ་མཆོག། གཉིས་སུ་མེད་བློ་ཟབ་མོའི་དོན།། དེ་ཡང་བྱང་ཆུབ་སེམས་ལས་འཁྲུངས།།

༼ ༢༢ ༽ བྱང་ཆུབ་སེམས་མཆོག་འདི་མེད་ན།། ངག་ནས་སྙན་པར་རྗོད་པ་དང་།། སྤྱོད་པ་ཇི་ལྟར་མཛེས་ན་ཡང་།། གཞན་གནོད་འབའ་ཞིག་བྱེད་པར་ཟད།།

༼ ༢༣ ༽ བཅོས་མིན་སེམས་བསྐྱེད་མེད་ན་ཡང་།། བློ་འདི་བཅོས་མ་ཐག་པ་ནས།། ལྷ་མི་ཀུན་གྱི་མཆོད་འོས་ཞེས།། རྫོགས་པའི་སངས་རྒྱས་ཉིད་ཀྱིས་གསུངས།།

༼ ༢༤ ༽ ནམ་མཁའ་ལ་ནི་ཉི་ཟླ་མཛེས།། སེམས་ཀྱི་རྒྱུད་ལ་བྱང་སེམས་མཛེས།། མེ་ཏོག་པདྨ་མཚོ་ཡི་རྒྱན།། བྱང་ཆུབ་སེམས་ནི་ཀུན་གྱི་རྒྱན།།

༼ ༢༥ ༽ བྱང་ཆུབ་སེམས་མཆོག་སྐྱེས་ནས་བཟུང་།། ཉི་མ་ཐམས་ཅད་དགེ་བ་ཡིན།། རྒྱུ་སྐར་ཐམས་ཅད་བཟང་བ་ཡིན།། ཀུན་ཏུ་ཕུན་སུམ་ཚོགས་པར་འགྱུར།།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་ སྤྱི་ལོ་༢༠༢༠ཟླ་༡༡ཚེས་༡༥ནས་ཟླ་༡༡ཚེས་༡༩བར་ལ་ཕུལ།

རྒྱ་ཡིག   菩提心讚頌 21 – 25 དབྱིན་ཇིའི་ཡིག   Praises on Bodhicitta 21 – 25 བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། བྱང་ཆུབ་སེམས་ལ་བསྟོད་པའི་རིམ་པ།