avalokiteshvara20201102 ༼ ཉིན་རེར་བཞིན་བྱང་ཆུབ་སེམས་ལ་བསྟོད་པ། ༽

༼ ༢༦ ༽ ༄། །དགེ་རྩ་བྱང་ཆུབ་བར་མི་འཛད།། འབྲས་བུ་བསོད་ནམས་ཤུགས་ཀྱིས་འཕེལ།། ཉོན་མོངས་སྡིག་པའི་གཉེན་པོ་བྱེད།། ནོར་བུ་འབུམ་གྱི་དོ་ཟླ་མིན།།

༼ ༢༧ ༽ ཡིད་བཞིན་ནོར་བུ་རིན་པོ་ཆེར།། གསོལ་བ་བཏབ་ན་དགོས་འདོད་འབྱུང་།། བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱིས།། མ་བསྐུལ་ན་ཡང་འགྲོ་དོན་མཛད།།

༼ ༢༨ ༽ འཁོར་གྱི་ནང་དུ་རྒྱལ་པོ་མཛེས།། རྒྱ་མཚོའི་ནང་དུ་རི་རབ་མཛེས།། ཆགས་ལྡན་ཅན་ལ་ལུས་ཕྲ་མཛེས།། ཕན་བདེ་འདོད་ལ་བྱང་སེམས་མཛེས།།

༼ ༢༩ ༽ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི།། འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིར།། ཉིན་དང་མཚན་མོ་དུས་དྲུག་ཏུ།། སྤྱན་གྱིས་གཟིགས་ཤིང་སྙན་གྱིས་གསན།།

༼ ༣༠ ༽ བྱང་ཆུབ་སེམས་འདི་ལྡན་གྱུར་ན།། ན་དགའ་ཤི་སྐྱིད་འཚོ་ཡང་བདེ།། དགའ་བར་འོས་ཤིང་བཀུར་འོས་པ།། སྙིང་རྗེ་མཆོག་ལ་ཕྱག་འཚལ་ལོ།།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་ སྤྱི་ལོ་༢༠༢༠ཟླ་༡༡ཚེས་༢༠ནས་ཟླ་༡༡ཚེས་༢༤བར་ལ་ཕུལ།

རྒྱ་ཡིག   菩提心讚頌 26 – 30 དབྱིན་ཇིའི་ཡིག   Praises on Bodhicitta 26 – 30 བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། བྱང་ཆུབ་སེམས་ལ་བསྟོད་པའི་རིམ་པ།