avalokiteshvara20201103 ༼ ཉིན་རེར་བཞིན་བྱང་ཆུབ་སེམས་ལ་བསྟོད་པ། ༽

༼ ༣༡ ༽ ༄། །སྙིང་རྗེ་ཆེན་པོའི་བློ་སྟོབས་ཀྱིས།། ཀུན་ལ་བྱང་ཆུབ་སེམས་འདི་འཁྲུངས།། གཉིས་སུ་མེད་པའི་ཤེས་རབ་ཀྱིས།། དགྲ་གཉེན་གཉིས་སུ་འཛིན་པ་ཟློག།

༼ ༣༢ ༽ རང་ཉིད་བདེ་བ་འཐོབ་འདོད་ན།། ཀུན་ལ་བྱང་ཆུབ་སེམས་འདི་སྒོམས།། རང་ཉིད་ཐར་པ་འཐོབ་འདོད་ན།། གཞན་གྱི་དོན་ལ་དངོས་སུ་འཇུག།

༼ ༣༣ ༽ བྱང་ཆུབ་སེམས་མཆོག་སྐྱེ་འདོད་ན།། དམ་པའི་གཞུང་བཟང་བལྟ་བར་བྱ།། བྱང་ཆུབ་སེམས་མཆོག་སྐྱེ་འདོད་ན།། དད་དང་མོས་གུས་སྲོག་ལྟར་བཟུང་།།

༼ ༣༤ ༽ རྒྱལ་པོ་དང་ནི་མཉན་པ་དང་།། རྫི་བོ་ལྟ་བུའི་སེམས་དཔའ་ཡིས།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ན།། ཐར་པའི་གོ་འཕང་ཐག་མི་རིང་།།

༼ ༣༥ ༽ རྒྱུད་ལ་བྱང་ཆུབ་སེམས་ཡོད་ན།། ཞ་བོ་ལོང་བ་འོན་པ་དང་།། གཟུགས་སྒུར་སྐྱོན་ཀུན་ཚང་ན་ཡང་།། ལྷ་མི་ཀུན་གྱིས་ཕྱག་བྱར་འོས།།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་ སྤྱི་ལོ་༢༠༢༠ཟླ་༡༡ཚེས་༢༥ནས་ཟླ་༡༡ཚེས་༢༩བར་ལ་ཕུལ།

རྒྱ་ཡིག   菩提心讚頌 31 – 35 དབྱིན་ཇིའི་ཡིག   Praises on Bodhicitta 31 – 35 བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། བྱང་ཆུབ་སེམས་ལ་བསྟོད་པའི་རིམ་པ།