avalokiteshvara20201104 ༼ ཉིན་རེར་བཞིན་བྱང་ཆུབ་སེམས་ལ་བསྟོད་པ། ༽

༼ ༣༤ ༽ ༄། །བཀྲེས་པ་རྣམས་ལ་ཟས་མཆོག་སྟེ།། ནད་པ་རྣམས་ལ་སྨན་མཆོག་གོ། དེ་བཞིན་དབུལ་པོར་ནོར་མཆོག་སྟེ།། དམ་པ་རྣམས་ལ་བྱང་སེམས་མཆོག།

༼ ༣༧ ༽ བྱང་ཆུབ་སེམས་དང་ལྡན་པའི་མིར།། སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང་།། བརྩོན་འགྲུས་བསམ་གཏན་ཤེས་རབ་རྣམས།། སངས་རྒྱས་འཐོབ་པའི་དངོས་རྒྱུར་འགྱུར།།

༼ ༣༨ ༽ སྙིང་རྗེའི་རྩ་བ་བརྟན་གྱུར་ན།། བྱང་ཆུབ་སེམས་ཀྱི་ལྗོན་ཤིང་ལས།། ཕན་བདེའི་འབྲས་བུ་ལེགས་སྨིན་ནས།། འགྲོ་ཀུན་དགའ་པའི་དཔལ་དུ་གྱུར།།

༼ ༣༩ ༽ བྱང་ཆུབ་སེམས་ནི་ལུས་ལ་མཛེས།། བྱང་ཆུབ་སེམས་ནི་ངག་ལ་མཛེས།། བྱང་ཆུབ་སེམས་ནི་ཡིད་ལ་མཛེས།། ཀུན་ལ་མཛེས་པ་བྱང་སེམས་ཡིན།།

༼ ༤༠ ༽ བྱང་ཆུབ་སེམས་འདི་ཡོད་གྱུར་ན།། ཡུལ་ཁམས་བདེ་ཞིང་མི་རྣམས་སྐྱིད།། ལྷ་ཀླུ་གནོད་སྦྱིན་སྲིན་པོ་སོགས།། འཁྲུགས་པའི་སེམས་ཀྱང་ཞི་བར་གྱུར།།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་ སྤྱི་ལོ་༢༠༢༠ཟླ་༡༡ཚེས་༣༠ནས་ཟླ་༡༢ཚེས་༤བར་ལ་ཕུལ།

རྒྱ་ཡིག   菩提心讚頌 36 – 40 དབྱིན་ཇིའི་ཡིག   Praises on Bodhicitta 36 – 40 བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། བྱང་ཆུབ་སེམས་ལ་བསྟོད་པའི་རིམ་པ།