avalokiteshvara20201107 ༼ ཉིན་རེར་བཞིན་བྱང་ཆུབ་སེམས་ལ་བསྟོད་པ། ༽

༼ ༥༡ ༽ ༄། །དམིགས་བཅས་དམིགས་མེད་ཚོགས་གཉིས་པོ།། བྱང་ཆུབ་སེམས་ཀྱིས་མ་ཟིན་ན།། ཆུ་ཤིང་བཞིན་དུ་འབྲས་ཟད་ནས།། སླར་ཡང་འཁོར་བར་འཁོར་ལ་ལྟོས།།

༼ ༥༢ ༽ ཀུན་ཏུ་བཟང་པོའི་སྤྱོད་པ་དང་།། འཇམ་དཔལ་དབྱངས་ཀྱི་མཁྱེན་རབ་དང་།། ནམ་མཁའི་སྙིང་པོའི་ཐུགས་བསྐྱེད་སོགས།། རིན་ཆེན་བྱང་ཆུབ་སེམས་ལས་འཁྲུངས།།

༼ ༥༣ ༽ ཐོས་དང་བསམ་པ་སྒོམ་པ་ལ།། བྱང་ཆུབ་སེམས་ཀྱིས་རྩིས་ཟིན་ན།། ཚེ་འདིར་གྲོལ་བ་མིན་ན་ཡང་།། ཕྱི་མར་བདེ་ནས་བདེ་བར་འགྲོ།།

༼ ༥༤ ༽ ཚངས་པ་དང་ནི་བརྒྱ་བྱིན་དང་།། དབང་ཕྱུག་ལྷ་མོ་ཨུ་མ་སོགས།། ཁེ་གྲགས་མཐུ་དཔུང་ཆེ་བ་ཀུན།། བྱང་ཆུབ་སེམས་ཀྱིས་ཟིལ་གྱིས་གནོན།།

༼ ༥༥ ༽ རིགས་ཀྱི་ཆེ་བ་བྲམ་ཟེ་དང་།། དཔུང་ཚོགས་བཞི་ལྡན་འཁོར་རྒྱལ་དང་།། ནོར་གྱིས་ཕྱུག་པའི་ལྷ་ཀླུས་ཀྱང་།། བྱང་ཆུབ་སེམས་དཔའ་སྤྱི་བོས་བཀུར།།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་ སྤྱི་ལོ་༢༠༢༠ཟླ་༡༢ཚེས་༡༥ནས་ཟླ་༡༢ཚེས་༡༩བར་ལ་ཕུལ།

རྒྱ་ཡིག   菩提心讚頌 51 – 55 དབྱིན་ཇིའི་ཡིག   Praises on Bodhicitta 51 – 55 བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། བྱང་ཆུབ་སེམས་ལ་བསྟོད་པའི་རིམ་པ།