༼ ཉིན་རེར་བཞིན་བྱང་ཆུབ་སེམས་ལ་བསྟོད་པ། ༽
༼ ༧༡ ༽ ༄། །བྱང་ཆུབ་སེམས་ཀྱི་ནོར་ལྡན་ན།། ལྷ་ཀླུ་མི་ཡི་ལོངས་སྤྱོད་དང་།། ཚངས་སོགས་མངའ་ཐང་མི་ལྡན་ཡང་།། འགྲོ་བ་ཀུན་གྱི་མཆོད་སྡོང་ཡིན།།
༼ ༧༢ ༽ སྟོང་གསུམ་ཚད་ལ་གཞལ་དུ་རུང་།། རྒྱ་མཚོ་སྣོད་ཀྱིས་ཕྱིར་གཤོར་རུང་།། བྱང་ཆུབ་སེམས་ཀྱི་ཡོན་ཏན་ནི།། སངས་རྒྱས་ཀྱིས་ཀྱང་བརྗོད་པར་དཀའ།།
༼ ༧༣ ༽ བྱང་ཆུབ་སེམས་འདི་སྒོམ་པ་ལ།། བློ་ཡིས་བཅོས་ནས་བཟོ་མི་དགོས།། མཁའ་དང་མཉམ་པའི་སེམས་ཅན་ལ།། སྙིང་རྗེ་སྒྱུ་མ་ལྟར་བསྒོམ་བྱ།།
༼ ༧༤ ༽ དེ་བཞིན་གཤེགས་པ་འགྲོ་བའི་མགོན།། མཚན་བཟང་དཔེ་བྱད་སྤྲས་པའི་སྐུ།། ཇི་ལྟ་ཇི་སྙེད་མཁྱེན་ལྡན་པ།། གང་དེ་བྱང་ཆུབ་སེམས་ལས་འཁྲུངས།།
༼ ༧༥ ༽ ཀུན་ལ་མཛེས་པ་བྱང་ཆུབ་སེམས།། ཀུན་ལ་དགའ་བ་བྱང་ཆུབ་སེམས།། ཀུན་ལ་ཕན་པ་བྱང་ཆུབ་སེམས།། ཀུན་ལ་བྱང་ཆུབ་སེམས་བསྐྱེད་ཤོག།
དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་ སྤྱི་ལོ་༢༠༢༡ཟླ་༡ཚེས་༤ནས་ཟླ་༡ཚེས་༣བར་ལ་ཕུལ།
རྒྱ་ཡིག 菩提心讚頌 71 – 75 དབྱིན་ཇིའི་ཡིག Praises on Bodhicitta 71 – 75 བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། བྱང་ཆུབ་སེམས་ལ་བསྟོད་པའི་རིམ་པ།
- བསྟོད་པ་སྐབས་༡ནས་༥བར། བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
- བསྟོད་པ་སྐབས་༦ནས་༡༠བར། མ་རིག་མུན་པ་སེལ་བ་ལ།།
- བསྟོད་པ་སྐབས་༡༡ནས་༡༥བར། བྱང་ཆུབ་སེམས་མཆོག་འདི་མེད་ན།།
- བསྟོད་པ་སྐབས་༡༦ནས་༢༠བར། མཚུངས་མེད་བྱང་ཆུབ་སེམས་མཆོག་ལ།།
- བསྟོད་པ་སྐབས་༢༡ནས་༢༥བར། སྙིང་རྗེའི་རྐྱེན་ལས་བྱང་ཆུབ་སེམས།།
- བསྟོད་པ་སྐབས་༢༦ནས་༣༠བར། དགེ་རྩ་བྱང་ཆུབ་བར་མི་འཛད།།
- བསྟོད་པ་སྐབས་༣༡ནས་༣༥བར། སྙིང་རྗེ་ཆེན་པོའི་བློ་སྟོབས་ཀྱིས།།
- བསྟོད་པ་སྐབས་༣༦ནས་༤༠བར། བཀྲེས་པ་རྣམས་ལ་ཟས་མཆོག་སྟེ།།
- བསྟོད་པ་སྐབས་༤༡ནས་༤༥བར། རང་དོན་ཡིད་བྱེད་འདི་མེད་ན།།
- བསྟོད་པ་སྐབས་༤༦ནས་༥༠བར། བྱང་ཆུབ་སེམས་ཀྱིས་རང་འདོད་བློ།།
- བསྟོད་པ་སྐབས་༥༡ནས་༥༥བར། དམིགས་བཅས་དམིགས་མེད་ཚོགས་གཉིས་པོ།།
- བསྟོད་པ་སྐབས་༥༦ནས་༦༠བར། བྱང་ཆུབ་སེམས་འདི་ལྡན་གྱུར་ན།།
- བསྟོད་པ་སྐབས་༦༡ནས་༦༥བར། བྱང་ཆུབ་སེམས་འདི་ལྡན་གྱུར་ན།།
- བསྟོད་པ་སྐབས་༦༦ནས་༧༠བར། བྱང་ཆུབ་སེམས་ཀྱི་སྡོམ་ཉམས་ན།།
- བསྟོད་པ་སྐབས་༧༦ནས་༨༠བར། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱང་།།
- བསྟོད་པ་སྐབས་༨༡ནས་༨༨བར། བྱང་ཆུབ་སེམས་ཀྱི་ཡོན་ཏན་ནི།།