རབ་སྔགས་གཉིས་འཛོམས་སྔ་འགྱུར་བསྟན་འཛིན་མཐུན།

普賢王如來

蓮師 釋迦牟尼佛

依喜措嘉佛母 大譯師毗盧遮那

藏王赤松德贊 靜命尊者

敦珠法王 貝諾法王

頂果欽哲法王 晉美彭措法王

多竹千法王 達龍哲珠法王

甲札法王 楚璽法王

敏珠林法王 阿秋法王

聽列諾布仁波切 佐欽白瑪格桑法王

白玉土絨仁波切 第三世喇智法王

阿拉桑嘎仁波切 堪欽貝瑪謝繞

噶陀莫札法王 堪欽班瑪洛珠

宗薩欽哲仁波切 堪欽慈誠羅珠

雪謙冉江仁波切 阿松法王

綽瘋格桑 索達吉堪布

佐欽仁波切 第七世佐欽法王

第十二任敏林赤欽 噶瑪古千

南卡卻尼 敏林闊千

納措蘇堅 蔣康祖古

Tenpay Wanchuk Rinpoche, Karwang Nyima Rinpoche and Palyul Choktrul Rinpoche

༼ རབ་སྔགས་གཉིས་འཛོམས་སྔ་འགྱུར་བསྟན་འཛིན་མཐུན། ༽

༄།། ཀ་ཡེ་གསོན་དང་རབ་བྱུང་སྔགས་པ་ཚོ།།
ཁ་དོག་དཀར་དམར་ན་བཟའི་ཁྱད་ཙམ་ལས།།
ག་ནས་བལྟས་ཀྱང་ལྟ་སྒོམ་སྤྱོད་གསུམ་པོ།།
ང་ཡིས་བལྟས་ན་ཁྱད་པར་མེད་པར་མཐོང་།།

ཅ་ག་རྡོར་དྲིལ་དང་ནི་འཁར་གསིལ་ཟུང་།།
ཆ་ལུགས་ངུར་སྨྲིག་དང་ནི་སྔགས་པའི་ཆས།།
ཇ་ཆུ་འོ་གསུམ་གཅིག་ཏུ་འདྲེས་པ་བཞིན།།
ཉ་རྒྱས་ཟླ་ལྟར་འཛམ་གླིང་གང་སར་མཛེས།།

ཏཱ་ཐ་ག་ཏའི་སྟོང་ཉིད་ཆེན་པོ་དང་།།
ཐ་མལ་མ་ཡིན་རང་བཞིན་འོད་གསལ་བ།།
ད་ལྟ་ཉིད་ནས་གཤིས་ལ་བཞུགས་མཐོང་ནས།།
ན་ཀི་ཟུང་འཇུག་ཀློང་ན་ཐ་དད་མིན།།

པཱ་ར་མི་ཏའི་གཞུང་དང་བསྟན་བཅོས་ཀུན།།
ཕ་རོལ་གནོན་པའི་ལག་ཆ་མི་བྱེད་ཅིང་།།
བ་གླང་ལྟ་བུའི་བརྟུལ་ཞུགས་མི་འཛིན་པར།།
མ་ལུས་ཆོས་རྣམས་ཉམས་ལེན་ལམ་དུ་ཁྱེར།།

ཙ་རི་ཏྲ་དང་ན་ལེནྡྲ་སོགས་ནས།།
ཚ་གྲང་བཟོད་ནུས་ཆོས་བཞིན་སྤྱོད་མཁས་ཚོ།།
ཛ་ཡའི་བསྟན་པ་གཅིག་གི་སློབ་མ་ལགས།།
ཝ་ལེར་བསམ་ན་སྙིང་ནས་དད་གུས་དགོས།།

ཞྭ་མོ་རྣ་རིང་ཨོ་རྒྱན་པད་ཞུ་གཉིས།།
ཟ་བྱེད་འཐུང་བྱེད་ཙམ་དུ་མི་སེམས་ཤིང་།།
འ་འུར་སྒྲོག་པའི་སྡེ་གཉིས་དཀྲུག་པའི་གཏམ།།
ཡར་མར་ཀུན་ཏུ་ཁྱབ་སྤེལ་མ་གནང་རོགས།།

ར་བ་གངས་ལྡན་ཡུལ་གྱི་རབ་སྔགས་གཉིས།།
ལ་ལུང་གང་དུ་བཞུགས་ཀྱང་མཐུན་སྒྲིལ་དང་།།
ཤ་ཁྲག་གཅིག་ཏུ་གྱུར་བའི་སྤུན་ཟླ་བཞིན།།
ས་སྟེང་འདི་རུ་དམ་ཚིག་གཅིག་ལ་རེམས།།
ཧ་ཅང་ཚིག་གི་སྡེབ་སྦྱོར་མི་སྙན་ཡང་།།
ཨ་ལགས་མཆོག་སྤྲུལ་སྙིང་གི་རེ་བ་ཡིན།།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༢ཚེས་༢ལ།

བརྒྱུད་བསྐུར།    Facebook

མཆོག་སྨྱོན་པའི་ཀ་རྩོམ།