ཉམས་མགུར་རྟོལ་ལེ་མ།
རྡུལ་བྲལ་བདེ་བ་ཆེན་པོ་གཤིས་ཀྱི་འཇམ་དཔལ། །
དམར་སེར་འོད་སྟོང་འཕྲོ་བ་དཔེ་ཡི་འཇམ་དཔལ། །
རྒྱལ་ཀུན་སྤྲོ་བསྡུའི་འཇམ་དཔལ་རབ་གསལ་ཟླ་བ། །
ང་ལ་འདུ་བྲལ་མེད་པ་སྔོར་ནས་ཤེས་ཡོད། །
རྡུལ་བྲལ་བདེ་བ་ཆེན་པོ་གཤིས་ཀྱི་འཇམ་དཔལ། །
དམར་སེར་འོད་སྟོང་འཕྲོ་བ་དཔེ་ཡི་འཇམ་དཔལ། །
རྒྱལ་ཀུན་སྤྲོ་བསྡུའི་འཇམ་དཔལ་རབ་གསལ་ཟླ་བ། །
ང་ལ་འདུ་བྲལ་མེད་པ་སྔོར་ནས་ཤེས་ཡོད། །
གྲུབ་བརྒྱའི་་གཙུག་རྒྱན་བི་མ་མི་ཏྲ།།
ཡེ་ཤེས་སྒྱུ་མའི་སྐུ་རུ་བཞེངས་པ།།
ཕ་རྒན་བླ་མ་པདྨ་ནོར་བུ།།
མི་འབྲལ་སྤྱི་བོའི་རྒྱན་དུ་བཞུགས་དང་།།
གཡུ་སྒྲ་སྙིང་པོ་མི་ཡི་རྣམ་རོལ་བྱོན་པ།།
ཁྱབ་བདག་འཁོར་ལོའི་མགོན་པོ་ཁང་གསར་རྒད་པོ།།
སྤྱི་བོ་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས་དང་།།
ཁྱེད་ཐུགས་དགྱེས་པའི་གླུ་དབྱངས་སྙན་མ་ལན་ནོ།།
ད་ལྟའི་སྣང་བ་འདི་ཡི་ཕ་རོལ་ན། །
ལྷ་ཞིག་གསར་དུ་བཟོས་ནས་བསྒོམ་རྒྱུ་མེད། །
སེམས་ཀྱི་རང་བཞིན་ངོས་བཟུང་བྲལ་བ་འདི། །
རྟོགས་ན་དུས་གསུམ་སངས་རྒྱས་དགོངས་པ་ཡིན། །
གཟན་དཀར་ཐུབ་བསྟན་ཉི་མའི་བཀའ་སློབ་དང་དཔལ་ཡུལ་མཆོག་སྤྲུལ་གྱི་བཀའ་ལན།
ཆམ་གྱིས་ཞོགས་ལ་ཅེར་གྱིས་ལྟོས་དང་།།
ཡེ་གྲོལ་ཀ་དག་ཆོས་སྐུའི་དགོངས་པ།།
ལྷང་ངེ་ལྷན་ནེ་ལྷམ་མེར་འཆར་འོང་།།
དེ་དུས་དྲན་པའི་རང་ཚུགས་མ་འཆོར།།
ཀུན་རྫོབ་དོན་དམ་མ་ཡིན་སྒྲིབ་པ་ལས་ལོག་ན།།
ཆོས་ཉིད་གནས་ལུགས་མི་རྙེད་བློ་འདས་ཀྱི་ཀློང་དུ།།
རིག་སྟོང་ཆོས་སྐུའི་བཞུགས་ཚུལ་ལྷན་སྐྱེས་ཀྱི་རང་ཞལ།།
ཕྱོགས་ཙམ་གོ་ཡུལ་ཤེས་པ་བླ་མ་ཡི་བཀའ་དྲིན།།
གདོད་ནས་སྐྱེ་བ་མེད་པའི་དངོས་པོའི་གཤིས་ཉིད།།
རང་བཞིན་འགགས་པ་མེད་པ་གཞི་ཡི་བཞུགས་ཚུལ།།
བལྟས་པས་མཐོང་བ་མེད་པ་ལྟ་བའི་རྒྱལ་པོ།།
འགྲོ་འོང་ལས་འདས་ད་ལྟའི་ཤེས་པ་འདི་ཀ།
ཕ་རྒན་བླ་མ་རྡོ་རྗེ་འཆང་ཆེན།།
ཐུགས་རྗེ་ཉེ་རིང་མེད་པ་གཟིགས་བཞིན།།
གསོལ་འདེབས་བུ་ལ་ལྷག་ཏུ་སྐྱོབས་ནས།།
མགོན་ཁྱེད་གང་བཞུད་དགྱེས་བཞིན་ཁྲིད་མཛོད།།
འདི་ཞེས་འཛིན་པ་ནི་མ་ཤོར།།
གཉིས་འཛིན་རང་སྣང་དུ་དེངས་སོང་།།
ལྟ་སྒོམ་བློས་བྱས་ལ་མ་བརྟེན།།
རིག་པ་ཡེ་གྲོལ་དུ་འདུག་གོ།