༼ ཉིན་རེར་བཞིན་བྱང་ཆུབ་སེམས་ལ་བསྟོད་པ། ༽
༼ ༡༦ ༽
༄། །མཚུངས་མེད་བྱང་ཆུབ་སེམས་མཆོག་ལ།།
ཕ་རྒན་ལྟ་བུའི་སྙིང་སྟོབས་དང་།།
མ་རྒན་ལྟ་བུའི་བཟོད་བསྲན་ལྡན།།
དེ་ཕྱིར་ཀུན་ལ་ཕན་ཐོགས་ངེས།།
༼ ༡༧ ༽
བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
སྡིག་སྒྲིབ་སྲེག་ལ་མེ་དང་མཚུངས།།
བྱང་ཆུབ་སེམས་ཀྱི་ཆར་རྒྱུན་གྱིས།།
དགེ་བའི་ལོ་ཏོག་སྐྱེད་པར་བྱེད།།
༼ ༡༨ ༽
བྱང་ཆུབ་སེམས་ནི་ལྗོན་ཤིང་བཞིན།།
ཚ་བའི་གདུང་བ་སེལ་ནུས་ཤིང་།།
བྱ་དང་རི་དྭགས་ཚོགས་རྣམས་ལ།།
ཟས་དང་གནས་མལ་དག་ཀྱང་བྱེད།།
༼ ༡༩ ༽
བྱང་ཆུབ་སེམས་ནི་གནམ་གྲུ་ལྟར།།
གང་འདོད་ས་རུ་མྱུར་དུ་སླེབ།།
བྱང་ཆུབ་སེམས་ནི་དྲྭ་རྒྱ་བཞིན།།
མ་ཤེས་པ་རྣམས་ཤེས་པར་བྱེད།།
༼ ༢༠ ༽
པདྨར་བུང་བ་འདུ་བ་ལྟར།།
གཞན་ཕན་བྱང་ཆུབ་སེམས་མཆོག་ལ།།
ལྷ་ཀླུ་མི་དང་དུད་འགྲོ་སོགས།།
རིང་ནས་འཁོར་དུ་འདུ་བ་ཡིན།།
དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་
སྤྱི་ལོ་༢༠༢༠ཟླ་༡༡ཚེས་༡༠ནས་ཟླ་༡༡ཚེས་༡༤བར་ལ་ཕུལ།
རྒྱ་ཡིག 菩提心讚頌 16 – 20
དབྱིན་ཇིའི་ཡིག Praises on Bodhicitta 16 – 20
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
བྱང་ཆུབ་སེམས་ལ་བསྟོད་པའི་རིམ་པ།
- བསྟོད་པ་སྐབས་༡ནས་༥བར། བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
- བསྟོད་པ་སྐབས་༦ནས་༡༠བར། མ་རིག་མུན་པ་སེལ་བ་ལ།།
- བསྟོད་པ་སྐབས་༡༡ནས་༡༥བར། བྱང་ཆུབ་སེམས་མཆོག་འདི་མེད་ན།།
- བསྟོད་པ་སྐབས་༢༡ནས་༢༥བར། སྙིང་རྗེའི་རྐྱེན་ལས་བྱང་ཆུབ་སེམས།།
- བསྟོད་པ་སྐབས་༢༦ནས་༣༠བར། དགེ་རྩ་བྱང་ཆུབ་བར་མི་འཛད།།
- བསྟོད་པ་སྐབས་༣༡ནས་༣༥བར། སྙིང་རྗེ་ཆེན་པོའི་བློ་སྟོབས་ཀྱིས།།
- བསྟོད་པ་སྐབས་༣༦ནས་༤༠བར། བཀྲེས་པ་རྣམས་ལ་ཟས་མཆོག་སྟེ།།
- བསྟོད་པ་སྐབས་༤༡ནས་༤༥བར། རང་དོན་ཡིད་བྱེད་འདི་མེད་ན།།
- བསྟོད་པ་སྐབས་༤༦ནས་༥༠བར། བྱང་ཆུབ་སེམས་ཀྱིས་རང་འདོད་བློ།།
- བསྟོད་པ་སྐབས་༥༡ནས་༥༥བར། དམིགས་བཅས་དམིགས་མེད་ཚོགས་གཉིས་པོ།།
- བསྟོད་པ་སྐབས་༥༦ནས་༦༠བར། བྱང་ཆུབ་སེམས་འདི་ལྡན་གྱུར་ན།།
- བསྟོད་པ་སྐབས་༦༡ནས་༦༥བར། བྱང་ཆུབ་སེམས་འདི་ལྡན་གྱུར་ན།།
- བསྟོད་པ་སྐབས་༦༦ནས་༧༠བར། བྱང་ཆུབ་སེམས་ཀྱི་སྡོམ་ཉམས་ན།།
- བསྟོད་པ་སྐབས་༧༡ནས་༧༥བར། བྱང་ཆུབ་སེམས་ཀྱི་ནོར་ལྡན་ན།།
- བསྟོད་པ་སྐབས་༧༦ནས་༨༠བར། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱང་།།
- བསྟོད་པ་སྐབས་༨༡ནས་༨༨བར། བྱང་ཆུབ་སེམས་ཀྱི་ཡོན་ཏན་ནི།།