༼ ཉིན་རེར་བཞིན་བྱང་ཆུབ་སེམས་ལ་བསྟོད་པ། ༽
༼ ༤༦ ༽
༄། །བྱང་ཆུབ་སེམས་ཀྱིས་རང་འདོད་བློ།།
ལྡོག་པར་མ་ཟད་གཞན་གྱི་དོན།།
མྱུར་དུ་སྒྲུབ་ལ་སྤྲོ་བ་དང་།།
རང་ཉིད་མཆོག་གི་གོ་འཕང་འཐོབ།།
༼ ༤༧ ༽
ཐུབ་པས་བསྐལ་བ་གྲངས་མེད་གསུམ།།
བཏང་ནས་བསྒྲུབས་པའི་འོ་བཅུད་ནི།།
བྱང་སེམས་མར་ལས་གཞན་མིན་ཕྱིར།།
དེ་ལ་མྱུར་དུ་འཇུག་པར་རིགས།།
༼ ༤༨ ༽
རང་གི་ཡོན་ཏན་སྦ་བྱ་ཞིང་།།
གཞན་གྱི་ཡོན་ཏན་སྒྲོག་པར་བྱེད།།
སྡུག་བསྔལ་བྲལ་སྙམ་བློ་དེ་ཡང་།།
བྱང་ཆུབ་སེམས་ཀྱི་ཆ་ཤས་ཡིན།།
༼ ༤༩ ༽
སྐྱོ་ན་བྱང་ཆུབ་སེམས་དྲན་བྱ།།
དགའ་ན་བྱང་ཆུབ་སེམས་དྲན་བྱ།།
ན་རྒས་བྱང་ཆུབ་སེམས་དྲན་བྱ།།
འཆི་ནའང་བྱང་ཆུབ་སེམས་དྲན་བྱ།།
༼ ༥༠ ༽
བྱང་ཆུབ་སེམས་དང་འདྲ་བ་ཡི།།
འཇིག་རྟེན་པ་ཡི་ཆེ་བ་མེད།།
དེ་བཞིན་བྱང་ཆུབ་སེམས་འདྲ་བའི།།
འཇིག་རྟེན་འདས་པའི་ཆེ་བའང་མེད།།
དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་
སྤྱི་ལོ་༢༠༢༠ཟླ་༡༢ཚེས་༡༠ནས་ཟླ་༡༢ཚེས་༡༤བར་ལ་ཕུལ།
རྒྱ་ཡིག 菩提心讚頌 46 – 50
དབྱིན་ཇིའི་ཡིག Praises on Bodhicitta 46 – 50
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
བྱང་ཆུབ་སེམས་ལ་བསྟོད་པའི་རིམ་པ།
- བསྟོད་པ་སྐབས་༡ནས་༥བར། བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
- བསྟོད་པ་སྐབས་༦ནས་༡༠བར། མ་རིག་མུན་པ་སེལ་བ་ལ།།
- བསྟོད་པ་སྐབས་༡༡ནས་༡༥བར། བྱང་ཆུབ་སེམས་མཆོག་འདི་མེད་ན།།
- བསྟོད་པ་སྐབས་༡༦ནས་༢༠བར། མཚུངས་མེད་བྱང་ཆུབ་སེམས་མཆོག་ལ།།
- བསྟོད་པ་སྐབས་༢༡ནས་༢༥བར། སྙིང་རྗེའི་རྐྱེན་ལས་བྱང་ཆུབ་སེམས།།
- བསྟོད་པ་སྐབས་༢༦ནས་༣༠བར། དགེ་རྩ་བྱང་ཆུབ་བར་མི་འཛད།།
- བསྟོད་པ་སྐབས་༣༡ནས་༣༥བར། སྙིང་རྗེ་ཆེན་པོའི་བློ་སྟོབས་ཀྱིས།།
- བསྟོད་པ་སྐབས་༣༦ནས་༤༠བར། བཀྲེས་པ་རྣམས་ལ་ཟས་མཆོག་སྟེ།།
- བསྟོད་པ་སྐབས་༤༡ནས་༤༥བར། རང་དོན་ཡིད་བྱེད་འདི་མེད་ན།།
- བསྟོད་པ་སྐབས་༥༡ནས་༥༥བར། དམིགས་བཅས་དམིགས་མེད་ཚོགས་གཉིས་པོ།།
- བསྟོད་པ་སྐབས་༥༦ནས་༦༠བར། བྱང་ཆུབ་སེམས་འདི་ལྡན་གྱུར་ན།།
- བསྟོད་པ་སྐབས་༦༡ནས་༦༥བར། བྱང་ཆུབ་སེམས་འདི་ལྡན་གྱུར་ན།།
- བསྟོད་པ་སྐབས་༦༦ནས་༧༠བར། བྱང་ཆུབ་སེམས་ཀྱི་སྡོམ་ཉམས་ན།།
- བསྟོད་པ་སྐབས་༧༡ནས་༧༥བར། བྱང་ཆུབ་སེམས་ཀྱི་ནོར་ལྡན་ན།།
- བསྟོད་པ་སྐབས་༧༦ནས་༨༠བར། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱང་།།
- བསྟོད་པ་སྐབས་༨༡ནས་༨༨བར། བྱང་ཆུབ་སེམས་ཀྱི་ཡོན་ཏན་ནི།།