༼ ཉིན་རེར་བཞིན་བྱང་ཆུབ་སེམས་ལ་བསྟོད་པ། ༽
༼ ༨༡ ༽
༄། །བྱང་ཆུབ་སེམས་ཀྱི་ཡོན་ཏན་ནི།།
བརྗོད་པར་དཀའ་བ་ཡིན་ན་ཡང་།།
བྱང་ཆུབ་སེམས་ལ་བསླབ་ཚུལ་ནི།།
སྤྱོད་འཇུག་གཞུང་ལ་བལྟ་བར་བྱ།།
༼ ༨༢ ༽
སློབ་དཔོན་རྣམས་ཀྱི་མཆོག་གྱུར་པ།།
རིན་ཆེན་བྱང་སེམས་འདི་ཡིན་ཏེ།།
ངན་པའི་བྱ་བ་ལས་ལྡོག་ཅིང་།།
བཟང་པོའི་བྱ་བར་ངང་གིས་འཇུག།
༼ ༨༣ ༽
མ་རབས་ཆང་དང་དུ་བར་དགའ།།
འདོད་ལྡན་རྣམས་ནི་ལུས་ཕྲར་དགའ།།
རྐྱལ་སྟོང་ཤོ་བག་བྱེད་ལ་དགའ།།
དམ་པ་བྱང་ཆུབ་སེམས་ལ་དགའ།།
༼ ༨༤ ༽
རིན་ཆེན་བྱང་ཆུབ་སེམས་མེད་ན།།
གཞན་དོན་བྱས་ཀྱང་ཟོག་པོ་ཡིན།།
འབྲས་བུས་སྟོང་པའི་ལྗོན་ཤིང་གིས།།
བཀྲེས་པའི་གདུང་བ་ཇི་ལྟར་སེལ།།
༼ ༨༥ ༽
འདས་དང་ད་ལྟའི་སངས་རྒྱས་ཀྱིས།།
ལེགས་པར་བརྟགས་ནས་བསྒྲུབས་ཟིན་པའི།།
མ་ནོར་བ་ཡི་ལམ་མཆོག་ནི།།
བྱང་ཆུབ་སེམས་དཔའི་ཉམས་ལེན་ནོ།།
༼ ༨༦ ༽
བྱང་ཆུབ་སེམས་འདི་མེད་གྱུར་ན།།
མཁས་པས་རང་དོན་མི་འགྲུབ་ཅིང་།།
གྲུབ་པས་གཞན་དོན་མི་འོང་བས།།
ཏ་ལའི་ཤིང་བཞིན་འབྲས་ཟད་འགྱུར།།
༼ ༨༧ ༽
བྱང་ཆུབ་སེམས་ལྡན་མདུན་ས་རུ།།
ཁྱི་སྤྱང་གཡུང་དྭགས་ལྷན་ཅིག་ཏུ།།
གསོད་པའི་བསམ་པ་མི་ལྡན་པར།།
ཕན་ཚུན་བརྩེ་བས་འཚོ་འདི་རྨད།།
༼ ༨༦ ༽
བྱང་ཆུབ་སེམས་འདི་མེད་གྱུར་ན།།
མཁས་པས་རང་དོན་མི་འགྲུབ་ཅིང་།།
གྲུབ་པས་གཞན་དོན་མི་འོང་བས།།
ཏ་ལའི་ཤིང་བཞིན་འབྲས་ཟད་འགྱུར།།
དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་
སྤྱི་ལོ་༢༠༢༡ཟླ་༡ཚེས་༡༤ནས་ཟླ་༡ཚེས་༢༡བར་ལ་ཕུལ།
རྒྱ་ཡིག 菩提心讚頌 81 – 88
དབྱིན་ཇིའི་ཡིག Praises on Bodhicitta 81 – 88
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
བྱང་ཆུབ་སེམས་ལ་བསྟོད་པའི་རིམ་པ།
- བསྟོད་པ་སྐབས་༡ནས་༥བར། བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
- བསྟོད་པ་སྐབས་༦ནས་༡༠བར། མ་རིག་མུན་པ་སེལ་བ་ལ།།
- བསྟོད་པ་སྐབས་༡༡ནས་༡༥བར། བྱང་ཆུབ་སེམས་མཆོག་འདི་མེད་ན།།
- བསྟོད་པ་སྐབས་༡༦ནས་༢༠བར། མཚུངས་མེད་བྱང་ཆུབ་སེམས་མཆོག་ལ།།
- བསྟོད་པ་སྐབས་༢༡ནས་༢༥བར། སྙིང་རྗེའི་རྐྱེན་ལས་བྱང་ཆུབ་སེམས།།
- བསྟོད་པ་སྐབས་༢༦ནས་༣༠བར། དགེ་རྩ་བྱང་ཆུབ་བར་མི་འཛད།།
- བསྟོད་པ་སྐབས་༣༡ནས་༣༥བར། སྙིང་རྗེ་ཆེན་པོའི་བློ་སྟོབས་ཀྱིས།།
- བསྟོད་པ་སྐབས་༣༦ནས་༤༠བར། བཀྲེས་པ་རྣམས་ལ་ཟས་མཆོག་སྟེ།།
- བསྟོད་པ་སྐབས་༤༡ནས་༤༥བར། རང་དོན་ཡིད་བྱེད་འདི་མེད་ན།།
- བསྟོད་པ་སྐབས་༤༦ནས་༥༠བར། བྱང་ཆུབ་སེམས་ཀྱིས་རང་འདོད་བློ།།
- བསྟོད་པ་སྐབས་༥༡ནས་༥༥བར། དམིགས་བཅས་དམིགས་མེད་ཚོགས་གཉིས་པོ།།
- བསྟོད་པ་སྐབས་༥༦ནས་༦༠བར། བྱང་ཆུབ་སེམས་འདི་ལྡན་གྱུར་ན།།
- བསྟོད་པ་སྐབས་༦༡ནས་༦༥བར། བྱང་ཆུབ་སེམས་འདི་ལྡན་གྱུར་ན།།
- བསྟོད་པ་སྐབས་༦༦ནས་༧༠བར། བྱང་ཆུབ་སེམས་ཀྱི་སྡོམ་ཉམས་ན།།
- བསྟོད་པ་སྐབས་༧༡ནས་༧༥བར། བྱང་ཆུབ་སེམས་ཀྱི་ནོར་ལྡན་ན།།
- བསྟོད་པ་སྐབས་༧༦ནས་༨༠བར། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱང་།།