བྱང་ཆུབ་སེམས་ལ་བསྟོད་པ། 81 – 88
བྱང་ཆུབ་སེམས་ཀྱི་ཡོན་ཏན་ནི།།
བརྗོད་པར་དཀའ་བ་ཡིན་ན་ཡང་།།
བྱང་ཆུབ་སེམས་ལ་བསླབ་ཚུལ་ནི།།
སྤྱོད་འཇུག་གཞུང་ལ་བལྟ་བར་བྱ།།
བྱང་ཆུབ་སེམས་ཀྱི་ཡོན་ཏན་ནི།།
བརྗོད་པར་དཀའ་བ་ཡིན་ན་ཡང་།།
བྱང་ཆུབ་སེམས་ལ་བསླབ་ཚུལ་ནི།།
སྤྱོད་འཇུག་གཞུང་ལ་བལྟ་བར་བྱ།།
སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱང་།།
བྱང་ཆུབ་སེམས་ཀྱི་ཆ་ཤས་ཡིན།།
མངོན་ཤེས་རྫུ་འཕྲུལ་གྲུབ་རྟགས་ཀྱང་།།
བྱང་ཆུབ་སེམས་ལས་མ་བྱུང་མེད།།
བྱང་ཆུབ་སེམས་ཀྱི་ནོར་ལྡན་ན།།
ལྷ་ཀླུ་མི་ཡི་ལོངས་སྤྱོད་དང་།།
ཚངས་སོགས་མངའ་ཐང་མི་ལྡན་ཡང་།།
འགྲོ་བ་ཀུན་གྱི་མཆོད་སྡོང་ཡིན།།
བྱང་ཆུབ་སེམས་ཀྱི་སྡོམ་ཉམས་ན།།
སླར་ཡང་གསོ་བར་རུང་བ་སྟེ།།
རིན་ཆེན་དང་པོའི་གསེར་ཆག་ཀྱང་།།
སྔར་བཞིན་གསོ་བར་དཀའ་བ་མེད།།
བྱང་ཆུབ་སེམས་འདི་ལྡན་གྱུར་ན།།
སྲིད་གསུམ་འཇིག་ཀྱང་མི་སྐྲག་སྟེ།།
འགྲོ་བ་ཀུན་གྱི་སྐྱབས་གྱུར་པ།།
འདི་ལས་གཞན་དུ་ཡོད་མ་ཡིན།།
བྱང་ཆུབ་སེམས་འདི་ལྡན་གྱུར་ན།།
སྐྱེ་འཆི་བར་དོའི་སྐབས་ཀུན་ཏུ།།
འཇིགས་པ་མེད་ཅིང་སླར་སྤྲོ་བ།།
མཚོ་ལ་ངང་མོ་འཇུག་པ་བཞིན།།
དམིགས་བཅས་དམིགས་མེད་ཚོགས་གཉིས་པོ།།
བྱང་ཆུབ་སེམས་ཀྱིས་མ་ཟིན་ན།།
ཆུ་ཤིང་བཞིན་དུ་འབྲས་ཟད་ནས།།
སླར་ཡང་འཁོར་བར་འཁོར་ལ་ལྟོས།།
བྱང་ཆུབ་སེམས་ཀྱིས་རང་འདོད་བློ།།
ལྡོག་པར་མ་ཟད་གཞན་གྱི་དོན།།
མྱུར་དུ་སྒྲུབ་ལ་སྤྲོ་བ་དང་།།
རང་ཉིད་མཆོག་གི་གོ་འཕང་འཐོབ།།
རང་དོན་ཡིད་བྱེད་འདི་མེད་ན།།
སེམས་ཀྱི་སྡུག་བསྔལ་མ་ལུས་འཛད།།
གཞན་གྱི་དོན་དུ་སེམས་བསྐྱེད་ན།།
ཀུན་ཀྱང་བདེ་བའི་ས་ལ་སྦྱོར།།
བཀྲེས་པ་རྣམས་ལ་ཟས་མཆོག་སྟེ།།
ནད་པ་རྣམས་ལ་སྨན་མཆོག་གོ།
དེ་བཞིན་དབུལ་པོར་ནོར་མཆོག་སྟེ།།
དམ་པ་རྣམས་ལ་བྱང་སེམས་མཆོག།
བྱང་ཆུབ་སེམས་ཀྱི་ཡོན་ཏན་ནི།།
བརྗོད་པར་དཀའ་བ་ཡིན་ན་ཡང་།།
བྱང་ཆུབ་སེམས་ལ་བསླབ་ཚུལ་ནི།།
སྤྱོད་འཇུག་གཞུང་ལ་བལྟ་བར་བྱ།།
སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱང་།།
བྱང་ཆུབ་སེམས་ཀྱི་ཆ་ཤས་ཡིན།།
མངོན་ཤེས་རྫུ་འཕྲུལ་གྲུབ་རྟགས་ཀྱང་།།
བྱང་ཆུབ་སེམས་ལས་མ་བྱུང་མེད།།
བྱང་ཆུབ་སེམས་ཀྱི་ནོར་ལྡན་ན།།
ལྷ་ཀླུ་མི་ཡི་ལོངས་སྤྱོད་དང་།།
ཚངས་སོགས་མངའ་ཐང་མི་ལྡན་ཡང་།།
འགྲོ་བ་ཀུན་གྱི་མཆོད་སྡོང་ཡིན།།
བྱང་ཆུབ་སེམས་ཀྱི་སྡོམ་ཉམས་ན།།
སླར་ཡང་གསོ་བར་རུང་བ་སྟེ།།
རིན་ཆེན་དང་པོའི་གསེར་ཆག་ཀྱང་།།
སྔར་བཞིན་གསོ་བར་དཀའ་བ་མེད།།
བྱང་ཆུབ་སེམས་འདི་ལྡན་གྱུར་ན།།
སྲིད་གསུམ་འཇིག་ཀྱང་མི་སྐྲག་སྟེ།།
འགྲོ་བ་ཀུན་གྱི་སྐྱབས་གྱུར་པ།།
འདི་ལས་གཞན་དུ་ཡོད་མ་ཡིན།།
བྱང་ཆུབ་སེམས་འདི་ལྡན་གྱུར་ན།།
སྐྱེ་འཆི་བར་དོའི་སྐབས་ཀུན་ཏུ།།
འཇིགས་པ་མེད་ཅིང་སླར་སྤྲོ་བ།།
མཚོ་ལ་ངང་མོ་འཇུག་པ་བཞིན།།
དམིགས་བཅས་དམིགས་མེད་ཚོགས་གཉིས་པོ།།
བྱང་ཆུབ་སེམས་ཀྱིས་མ་ཟིན་ན།།
ཆུ་ཤིང་བཞིན་དུ་འབྲས་ཟད་ནས།།
སླར་ཡང་འཁོར་བར་འཁོར་ལ་ལྟོས།།
བྱང་ཆུབ་སེམས་ཀྱིས་རང་འདོད་བློ།།
ལྡོག་པར་མ་ཟད་གཞན་གྱི་དོན།།
མྱུར་དུ་སྒྲུབ་ལ་སྤྲོ་བ་དང་།།
རང་ཉིད་མཆོག་གི་གོ་འཕང་འཐོབ།།
རང་དོན་ཡིད་བྱེད་འདི་མེད་ན།།
སེམས་ཀྱི་སྡུག་བསྔལ་མ་ལུས་འཛད།།
གཞན་གྱི་དོན་དུ་སེམས་བསྐྱེད་ན།།
ཀུན་ཀྱང་བདེ་བའི་ས་ལ་སྦྱོར།།
བཀྲེས་པ་རྣམས་ལ་ཟས་མཆོག་སྟེ།།
ནད་པ་རྣམས་ལ་སྨན་མཆོག་གོ།
དེ་བཞིན་དབུལ་པོར་ནོར་མཆོག་སྟེ།།
དམ་པ་རྣམས་ལ་བྱང་སེམས་མཆོག།