བསམ་གཏན་པའི་ཁ་སྤུ་ལས་བརྩམས་པའི་ཀ་རྩོམ།
ཀ་པ་ལ་ཡི་སྤུ་བཏོགས་ནས།།
ཁ་ཡི་ཟུར་ལ་བཙུགས་པ་འདྲ།།
གར་ཡང་བྱོན་པའི་རྒྱ་གར་པ།།
ང་ཡིས་ཁྱེད་ལ་རྩོམ་ཞིག་འབྲི།།
ཀ་པ་ལ་ཡི་སྤུ་བཏོགས་ནས།།
ཁ་ཡི་ཟུར་ལ་བཙུགས་པ་འདྲ།།
གར་ཡང་བྱོན་པའི་རྒྱ་གར་པ།།
ང་ཡིས་ཁྱེད་ལ་རྩོམ་ཞིག་འབྲི།།
ཀ་ཡེ་གསོན་དང་བདག་གི་དྲྭ་གྲོགས་ཚོ།།
ཁ་ཙམ་མིན་པར་ཆོས་ལ་མོས་པ་དང་།།
ག་རུ་བསྡད་ཀྱང་ཕྱི་གསལ་ནང་གསལ་འདི།།
ང་ཡི་ལོ་རྒྱུས་ཀུན་གྱི་རྩ་བ་ཡིན།།
ཀ་ཡེ་གསོན་དང་རབ་བྱུང་སྔགས་པ་ཚོ།།
ཁ་དོག་དཀར་དམར་ན་བཟའི་ཁྱད་ཙམ་ལས།།
ག་ནས་བལྟས་ཀྱང་ལྟ་སྒོམ་སྤྱོད་གསུམ་པོ།།
ང་ཡིས་བལྟས་ན་ཁྱད་པར་མེད་པར་མཐོང་།།
ཀ་བ་མེད་པའི་བྲག་ཕུག་སྟོང་པ་རུ། །
ཁ་རོག་མ་ཡིན་ཏིང་ངེ་འཛིན་ལ་བཞུགས། །
ག་ནས་མཇལ་ན་ཞེན་མེད་བྱ་བྲལ་བ། །
ང་ཡི་བླ་མ་མཁན་སྤྲུལ་རིན་པོ་ཆེ། །
ཀྭ་ཡེ་གསོན་དང་བོད་ཀྱི་མཁའ་འགྲོ་ཚོ།།
ཁ་དོག་དཀར་རྩི་དམར་རྩི་བྱུག་ལ་མཁས།།
ག་ནས་བལྟས་ཀྱང་གླུ་མ་གྲགས་ཅན་འདྲ།།
ང་ཚོ་འདོད་པའི་ཆང་གིས་མྱོས་ནས་ཡོད།།
ཨ་ཁུ་ཨ་ནེ་སེར་ཁྱིམ་པ་སོགས་ཀྱིས།།
ཧ་ཅང་སེམས་པ་དཀར་བའི་གཏམ་འདིར་གསོན།།
ས་གསུམ་འགྲོ་བའི་སྐྱབས་གནས་དཀོན་མཆོག་གསུམ།།
ཤ་ཚའི་བདག་ཉིད་སྤྱན་རས་གཟིགས་མ་བརྗེད།།
ཀ་ཡེ་གསོན་དང་སྔགས་རྒན་གཏེར་སྟོན་ཚོ།།
ཁ་དོན་མི་མཚུངས་ལས་རྒྱུ་མང་དྲགས་ན།།
གང་ནས་བལྟས་ཀྱང་རྫུན་མའི་ཞད་ཅིག་གདའ།།
ང་ཚོའི་འཁྲབ་སྟོན་ཧ་ཅང་ཐལ་ཆེས་འདུག།
ཀ་ཡེ་གསོན་དང་རིགས་མཐུན་སྤྲུལ་སྐུ་ཚོ།།
ཁ་ནས་ཆེ་རབས་གཉན་རབས་བཤད་ན་ཡང་།།
ག་རུ་སོང་ཡང་སྒོར་མོ་རྐྱང་རྐྱང་སློང་།།
ང་ཚོ་སྤྲང་པོ་རྣམས་དང་ཁྱད་ཅི་ཡོད།།
ཀ་ཡེ་གསོན་དང་དགེ་བཤེས་མཁན་པོ་ཚོ།།
ཁ་བཤད་རྐྱང་པས་མི་ཚེ་མི་སྐྱེལ་བར།།
ག་རུ་ཕྱིན་ཀྱང་རང་གི་སེམས་ལ་ལྟོས།།
ང་ཞེས་གྲུབ་དང་མ་གྲུབ་ལེགས་པར་བརྟག།
ཀ་ཡེ་གསོན་དང་བདག་གི་དྲྭ་གྲོགས་ཚོ།།
ཁ་ཙམ་མིན་པར་ཆོས་ལ་མོས་པ་དང་།།
ག་རུ་བསྡད་ཀྱང་ཕྱི་གསལ་ནང་གསལ་འདི།།
ང་ཡི་ལོ་རྒྱུས་ཀུན་གྱི་རྩ་བ་ཡིན།།
ཀ་པ་ལ་ཡི་སྤུ་བཏོགས་ནས།།
ཁ་ཡི་ཟུར་ལ་བཙུགས་པ་འདྲ།།
གར་ཡང་བྱོན་པའི་རྒྱ་གར་པ།།
ང་ཡིས་ཁྱེད་ལ་རྩོམ་ཞིག་འབྲི།།
ཀ་ཡེ་གསོན་དང་བདག་གི་དྲྭ་གྲོགས་ཚོ།།
ཁ་ཙམ་མིན་པར་ཆོས་ལ་མོས་པ་དང་།།
ག་རུ་བསྡད་ཀྱང་ཕྱི་གསལ་ནང་གསལ་འདི།།
ང་ཡི་ལོ་རྒྱུས་ཀུན་གྱི་རྩ་བ་ཡིན།།
ཀ་ཡེ་གསོན་དང་རབ་བྱུང་སྔགས་པ་ཚོ།།
ཁ་དོག་དཀར་དམར་ན་བཟའི་ཁྱད་ཙམ་ལས།།
ག་ནས་བལྟས་ཀྱང་ལྟ་སྒོམ་སྤྱོད་གསུམ་པོ།།
ང་ཡིས་བལྟས་ན་ཁྱད་པར་མེད་པར་མཐོང་།།
ཀ་བ་མེད་པའི་བྲག་ཕུག་སྟོང་པ་རུ། །
ཁ་རོག་མ་ཡིན་ཏིང་ངེ་འཛིན་ལ་བཞུགས། །
ག་ནས་མཇལ་ན་ཞེན་མེད་བྱ་བྲལ་བ། །
ང་ཡི་བླ་མ་མཁན་སྤྲུལ་རིན་པོ་ཆེ། །
ཀྭ་ཡེ་གསོན་དང་བོད་ཀྱི་མཁའ་འགྲོ་ཚོ།།
ཁ་དོག་དཀར་རྩི་དམར་རྩི་བྱུག་ལ་མཁས།།
ག་ནས་བལྟས་ཀྱང་གླུ་མ་གྲགས་ཅན་འདྲ།།
ང་ཚོ་འདོད་པའི་ཆང་གིས་མྱོས་ནས་ཡོད།།
ཨ་ཁུ་ཨ་ནེ་སེར་ཁྱིམ་པ་སོགས་ཀྱིས།།
ཧ་ཅང་སེམས་པ་དཀར་བའི་གཏམ་འདིར་གསོན།།
ས་གསུམ་འགྲོ་བའི་སྐྱབས་གནས་དཀོན་མཆོག་གསུམ།།
ཤ་ཚའི་བདག་ཉིད་སྤྱན་རས་གཟིགས་མ་བརྗེད།།
ཀ་ཡེ་གསོན་དང་སྔགས་རྒན་གཏེར་སྟོན་ཚོ།།
ཁ་དོན་མི་མཚུངས་ལས་རྒྱུ་མང་དྲགས་ན།།
གང་ནས་བལྟས་ཀྱང་རྫུན་མའི་ཞད་ཅིག་གདའ།།
ང་ཚོའི་འཁྲབ་སྟོན་ཧ་ཅང་ཐལ་ཆེས་འདུག།
ཀ་ཡེ་གསོན་དང་རིགས་མཐུན་སྤྲུལ་སྐུ་ཚོ།།
ཁ་ནས་ཆེ་རབས་གཉན་རབས་བཤད་ན་ཡང་།།
ག་རུ་སོང་ཡང་སྒོར་མོ་རྐྱང་རྐྱང་སློང་།།
ང་ཚོ་སྤྲང་པོ་རྣམས་དང་ཁྱད་ཅི་ཡོད།།
ཀ་ཡེ་གསོན་དང་དགེ་བཤེས་མཁན་པོ་ཚོ།།
ཁ་བཤད་རྐྱང་པས་མི་ཚེ་མི་སྐྱེལ་བར།།
ག་རུ་ཕྱིན་ཀྱང་རང་གི་སེམས་ལ་ལྟོས།།
ང་ཞེས་གྲུབ་དང་མ་གྲུབ་ལེགས་པར་བརྟག།
ཀ་ཡེ་གསོན་དང་བདག་གི་དྲྭ་གྲོགས་ཚོ།།
ཁ་ཙམ་མིན་པར་ཆོས་ལ་མོས་པ་དང་།།
ག་རུ་བསྡད་ཀྱང་ཕྱི་གསལ་ནང་གསལ་འདི།།
ང་ཡི་ལོ་རྒྱུས་ཀུན་གྱི་རྩ་བ་ཡིན།།